内容正文:
གཞིས་རྩེ་གྲོང་ཁྱེར་ལོ་རིམ་དགུ་པའི་ཐེངས་གཉིས་པའི་བོད་སྐད་ཡིག་གཅིག་འགྱུར་རྒྱུགས་གཞི།
དང་པོ། རྨང་གཞིའི་ཤེས་བྱའི་སྐོར། ( བསྡོམས་སྐར 39 )
གཅིག གདམ་གསེས་དྲི་གཞི། ( སྐར 10×1=10)
1.ཇི་བཞིན་བརྗོད་པའི་རྩོམ་གྱི་བརྗོད་བྱ་གཙོ་བོ་ནི ( ) ཡིན།
A བྱ་བ་དང་དངོས་པོ། B མི་དང་བྱ་བ།
C ལུས་རྒྱན་སྐྱོན་སེལ། D རྩོམ་པ་པོའི་ནང་བསམ་པའི་བརྩེ་དུང་།
2.དཔལ་ཞ་ལུ་གསེར་ཁང་ནི ( ) གྱིས་ཕྱགས་འདེབས་པ་ཡིན།
A བུ་སྟོན་རིན་ཆེན་གྲུབ། B ལྕེ་བཙུན་ཤེས་རབ་འབྱུང་གནས།
C རྗེ་དགེ་འདུན་གྲུབ། D ལོ་སྟོན་རྡོ་རྗེ་དབང་ཕྱུག
3.གཤམ་གསལ་མིང་ཚིག་ལས་དག་ཆ་འབྲི་ཚུལ་ཡང་དག་པའི་སྡེ་པ་ནི ( ) ཡིན།
A མེལ་འཚེ་བ། ཁོང་འགོད། B ཤན་སྦྱེད། རྦས་ལུང་།
C སྙོམ་ལས། ཡོ་ལང་། D གྲོགས་མཁར། བཤེས་མཉེན།
4.གཤམ་གསལ་རྩོམ་པ་པོ་དང་བརྩམས་ཆོས་ཡང་མི་དག་པའི་སྡེ་པ་ནི ( ) ཡིན།
A 《ཞུ་འཕྲིན་བདུད་རྩིའི་ཐིགས་པ》 ཞེས་པའི་རྩོམ་པ་པོ་ནི་ཞང་སྟོན་བསྟན་པ་རྒྱ་མཚོ་ཡིན།
B 《མ་ཉལ་ལོངས་ལ་ཕྱོགས་སུ་ལྟོས》 ཞེས་པའི་རྩོམ་པ་པོ་ནི་རྡོ་གྲུབ་བསྟན་པའི་ཉི་མ་ཡིན།
C 《གངས་རྒྱན་པད་མ》 ཞེས་པའི་རྩོམ་པ་པོ་ནི་རྣམ་རྒྱལ་ལགས་ཡིན།
D 《ང་རང་བྱིས་པ་ཡིན་དུས》 ཞེས་པའི་རྩོམ་པ་པོ་ནི་རུས་པའི་རྒྱན་ཅན་ཡིན།
5.ས་པཎ་དགུང་ལོ་ཆུང་དུས་ཀྱི་མཚན་ལ ( ) ཟེར།
A ཁྲོ་བོ་དཔའ་ལྡན། B དཔལ་ལྡན་དོན་གྲུབ།
C ཀུན་དགའ་རྒྱལ་མཚན། D བརྩོན་འགྲུས་བཟང་པོ།
6.གསལ་བྱེད་སུམ་ཅུ་ལས་མིང་གཞི་རྐྱང་པའི་ཡི་གེ ( ) ཡོད།
A ཉི་ཤུ། B བཅུ་དགུ། C ཉི་ཤུ་རྩ་གཅིག D བཅུ་གཅིག
7.མི་འཛིན་པའི་སྐྱོན་ལྔ་ལས་གལ་ཆེ་ཆེ་འཛིན་ཏེ་ཆུང་ཆུང་མི་འཛིན་པ་ནི ( ) ལ་ཟེར།
A ལོག་པར་འཛིན་པ། B དོན་མི་འཛིན་པ།
C བརྡ་མ་འཕྲོད་པར་འཛིན་པ། D མ་ལུས་པར་མི་འཛིན་པ།
8.གཤམ་གྱི་དཔེར་བརྗོད་ལས་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་གྱི་རྒྱན་ཡིནཔ་ནི( )
A བཞིན་ཟླ་འཛུམ་པའི་ཟླ་འོད། B ཁྱོད་གདོང་གདམ་སྐྱེས་དོ་ར། C ཁྱོད་ནི་ཟབ་པས་རྒྱ་མཚོ། D སོར་མོ་དམར་བའི་འདབ་ཕྲེང་དང་།
9.ས་ཡོམ་སོགས་རང་བྱུང་གནོད་འཚེ་ཕོག་ཁུལ་གྱི་མི་ལ་ང་ཚོས་སེམས་ཁུར་མཚོན་ཕྱིར ( ) ཞུ་བའི་ཡི་གེ་འབྲི་དགོས།
A ཐུགས་རྗེ་ཆེ། B རེ་འདུན། C