内容正文:
༄༅ ། ། གཙོས་སློབ་འབྲིང་དང་པོའི་2021-2022 ལོའི་སློབ་སྐབས་དང་པོའི་བར་རྒྱུགས། མཐོ་འབྲིང་དང་པོ།
合作一中2021-2022学年度第一学期藏语文期中考试试题 高一年级
(རྒྱུགས་གཞི་འདིར་སྐར་མ་150 ཡོད། རྒྱུགས་སྤྲོད་ཡུན་དུས་ཚོད་སྐར་མ 90 ཡིན། )
དང་པོ། དྲིས་ལན་འདེམ་པ། (སྐར་ 30)
1.གཤམ་གྱི་མིང་ལ་འགྲེལ་བཤད་བྱས་པ་ནོར་བའི་ཁག་གཅིག་ནི ( ) ཡིན།
ཀ སྙེམས་པ། ཁེངས་དྲེགས་ཀྱི་ཉམས་བསྟན་པའི་དོན།
ཁ བསྟི་གནས། རྒྱུན་དུ་སྡོད་སའི་གནས་ཀྱི་མིང་།
ག གོ་ཐོབ། རིགས་པས་དཔྱད་ནས་གོ་བ་རྙེད་པ།
ང ཇི་ཙུག ཇི་ལྟར་རམ་གང་འདྲ་ཞེས་པའི་དོན།
2. བདག་གི་སེམས་འདི་རྟ་ཕོ་གཤོག་ཐོགས་དང་འདྲ་བྱུང་ཞེས་པའི་འབྲེལ་སྒྲའི་ཕྲད་གི་ནི་( )ལ་འཇུག་པ་ཡིན།
ཀ བདག་ཉིད་གཅིག་པའི་འབྲེལ་བ། ཁ རྟེན་དང་རྟེན་པའི་འབྲེལ་བ།
ག ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བ། ང ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ།
3. རྒྱལ་རྩེའི་དཔལ་འཁོར་ཆོས་སྡེ་ནི་སྤྱི་ལོ་༡༤༡༨ལོར་ཆོས་རྒྱལ་རབ་བརྟན་ཀུན་བཟང་གིས་རྒྱུ་ཡོན་སྦྱར་ཏེ་( )གིས་ཕྱག་བཏབ།
ཀ རྗེ་དགེ་འདུན་གྲུབ་པ་མཆོག ཁ མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག
ག འཁོན་དཀོན་མཆོག་རྒྱལ་པོ་མཆོག ང པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག
4. བྱུ་རུའི་བ་གམ་བརྩེགས་པའི་ལྷུན་པོའི་སྤོར། །གསེར་འོད་འཕྲོ་བའི་རྒྱ་ཕིབས་བརྗི