西藏昌都市第一高级中学2021-2022学年高二上学期第一次月考藏文
1
༄༅། །ཆབ་མདོ་མཐོ་འབྲིང་དང་པོའི་ལོ་རིམ་གཉིས་པའི་བོད་སྐད་ཡིག་ཟླ་རྒྱུགས་རྒྱུགས་ཤོག
དོ་སྣང་བྱ་རྒྱུ།
1རྒྱུགས་ཤོག་འདི་ཆ་ཤས་གསུམ་ལས་གྲུབ་ཅིང་།ཡིག་ཚད་གཏོང་ཡུན་སྐར་མ150དང་། རྒྱུགས་ཤོག་ཧྲིལ་པོར་སྐར་གྲངས150 ཡིན།
2རྒྱུགས་ཤོག་འདིའི་ཆ་ཤས་དང་པོ(ངེས་སྦྱོང)དང་ཆ་ཤས་གཉིས་པ (རྩོམ་ཡིག)ཡིན།
3རྒྱུགས་སྤྲོད་སློབ་མས་རྒྱུགས་ཤོག་དང་ལན་འདེབས་ཤོག་བྱང་བླངས་རྗེས་སྔོན་ལ་རང་མིང་དང་།རྒྱུགས་སྤྲོད་ལག་ཁྱེར་ཨང་གྲངས་དག་ལན་འདེབས་ཤོག་བྱང་ཐོག་གི་གཏན་འཁེལ་བྱས་པའི་གནས་སུ་བྲིསདགོས་པ་དང་སྦྲགས།(条形码)ཐིག་རིས་གསང་རྟགས་ཀྱང་སྦྱར་དགོས།
4འདེམ་འཇུག་གི་དྲི་ལན་ངེས་པར་དུ་ཞ་སྨྱུག་གིས(2B)གིས་ནག་པོ་བཟོ་དགོས་པ་དང་།དྲི་གཞི་གཞན་རྣམས་ལན་རྒྱག་སྐབས་ངེས་པར་དུ་སྣག་ཚ་ནག་པོའི་ལྕགས་སྨྱུག་གམ་མཆན་འགོད་སྨྱུ་གུས་གཏན་འཁེལ་བྱས་པའི་ལན་འདེབས་ཤོག་བྱང་ཐོག་དྲི་གཞིའི་གོ་རིམ་མ་འཁྲུགས་པར་ངོས་གཙང་མར་འབྲི་དགོས།
5རྒྱུགས་ལན་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོག་འབྲི་དགོས་པ་ལས།གལ་ཏེ་རྒྱུགས་ཤོག་དངོས་ཀྱི་ཐོག་ལན་བཏབ་ཚེ་དྲིས་ལན་རྩིས་མེད་ཡིན།རྒྱུགས་ལེན་མཇུག་སྒྲིལ་རྗེས་རྒྱུགས་ཤོག་དང་ལན་འདེབས་ཤོག་བྱང་མཉམ་དུ་སྐྱེལ་དགོས།
དང་པོ། འདེམ་འཇུག་དྲི་གཞི།
གཤམ་གསལ་དྲི་བ1-25་ལས་ཡང་དག་པའི་དྲིས་ལན་གཅིག་རང་ཡོད་པ་དེའི་མཚོན་རྟགས་འདེམ་དགོས། རེར་སྐར2བསྡོམས་སྐར50ཡོད།
1 མཁས་མཆོག་ཐོན་མིའི་ཐུགས་མཚོ་ལས། ། བྱུང་བའི་བརྡ་སྤྲོད་ཕྱི་མོ་མཆོག །རྟགས་ཀྱི་འཇུག་པའི་སྙིང་པོའི་དོན། ། མདོར་བསྡུས་ཚིག་གིས་གསལ་བར་བྱ། །ཞེས་པའི་ཕྱི་མོའི་དོན་ནི( )ཡིན།
A རྗེས་མ། B སྙིང་པོ། C འགྲེལ་པ། D རྩ་བ།
2 རྗེས་འཇུག་གི་སྒྲ་ཡི་འཇུག་ཚུལ་བརྒྱད་ལས་རིམ་བཞིན་སྐྱེས་བུ་ཐ་མ་དང་། མོ་ཙམ། འགྱུར་བ་མ་ནིང་བཅས་ཀྱི་
དཔེར་བརྗོད་ཡིན་པའི་་སྡེ་ནི( )ཡིན།
A གྲབས། དགའ། བརྟན། B བཀག ཡངས། མཇལ།
C བཏགས། འཚམ། བསྐྲུནད། D ལེགས། དབྱངས། ཐོནད།
3 གཞན་མཚང་ལྷོད་ལ་ཞོག་དང་དགེ་བ་ཡིན། བློ་གཏད་སྙིང་གིས་སྐྱོང་དང་ངོ་མཚར་ཆེ།
།ཞེས་པའི་དང་སྒྲའི་དོན་གྱི་དའཇུག་ཚུལ་ནི( )ཡིན།
A གདམས་ངག B རྒྱུ་མཚན། C སྡུད་པ། D འབྱེད་པ།
4 གཤམ་གྱི་ཚིག་དུམ་ལས་ཕྲད་རྣམ་དབྱེའི་སྦྱོར་ཚུལ་ལ་འཁྲུལ་བ་མེད་པ་ནི( )ཡིན།
A སྤྲིན་སིལ་བུར་ཆད་པས་དུམ་བུ་དག་ཆུ་འགྲམ་དང་རི་ཤོད་རྣམས་ན་ཉལ་ཞིང་ལྡང་།
B མེ་ཏོག་ལེགས་ཡང་དྲི་ངན་འཐུལ་བས་སྦགས།
C མེ་ཏོག་ལ་ལ་སྒེག་པའི་ཉམས་ཀྱིས་རྣམ་པར་དགོད་ཅིང་།འགའ་རེ་སྐྱེངས་པའི་ཚུལ་གྱིས་གང་བུ་འཛུམ།
D གངས་རི་མཐོན་པོ་དག་གི་རྩེ་ལ་འཆར་ཀའི་འོད་ཕོག་པའི་གསེར་བཙོ་མ་བཞིན་དུ་འཚེར།
5 གཤམ་གསལ་འགྲེལ་པ་ནོར་བའི་ཚན་པ་ནི( )ཡིན།
Aངམ་གྲོག - གཡང་སའམ་གྲོག་རོང་། སྔམ་པ།- དབུགས་རིང་།
B སྙེམས་པ།- ང་རྒྱལ་གྱི་མིང་། སྤྱོམས་པ།- ང་རྒྱལ།
C དཀྱེལ་ཆེ།- སེམས་རྒྱ་ཆེ་བ། མཐོན་མཐིང་།- མདོག་སྔོན་པོ་ཞིག
D རྔོ་མི་ཐོགས། - ཕན་ཐོགས་པ། མནོག་ཆུང་།- ཕན་ཐོགས་ཆེན་པོ་བྱུང་བ།
6 གཤམ་གྱི་མངོན་བརྗོད་ངོས་བཟུང་དག་ལས་ནོར་བའི་སྡེ་ནི།( )
Aདབང་པོའི་གཞུ--འཇའ་ཚོན། རྐང་འཐུང--ལྗོན་ཤིང་། ། རི་བོང་འཛིན་པ--ཟླ་བ།
B ཐོས་འཛིན--རྣ་བ། ཆུ་གཏེར---རྒྱ་མཚོ། འཛིན་མ--ས་གཞི།
Cརྒྱུ་སྐར་ལམ--ས་གཞི། ཉལ་འགྲོ--བྱིས་པ། འདྲེན་བྱེད--ཐག་པ། D མགོ་སྐྱེས--སྐྲ། ཆུ་འཛིན--སྤྲིན། རྐང་དྲུག--བུང་བ།
7 འབྲས་ལྡན་སྙེ་མའི་ཚོགས་རྣམས་ཀྱིས། །མགོ་ལྕོག་ཡང་ཡང་ལྡེམ་པ་ནི། ། ད་ཀོ་ན་ཚོད་སྨིན་ནོ་ཞེས། ། ཁྱིམ་བདག་འབོད་དང་ཡང་དག་མཚུངས། ། ཞེས་པའི་ཚིགས་བཅད་དེའི་རབ་རྟོག་གི་ས་བོན་ནི( )ཡིན།
Aསྟོན་གྱི་དུས་སུ་ཞིང་ཁའི་ནང་དུ་ན་ཚོད་སྨིན་པའི་གཞོན་ནུ་ལས་བྲེལ་ཆེ་བ།
B སྟོན་གྱི་དུས་སུ་རླུང་བུ་ལྡང་བས་འབྲས་ལྡན་སྙེ་མས་ལྡེམ་ལྡེམ་བྱེད་པ།
C སྟོན་གྱི་དུས་སུ་ལོ་ཏོག་གི་འབྲས་བུ་སྨིན་པས་ཞིང་པ་རྣམས་དགའ་ཚོར་བྱེད་པ།
1
1
D སྟོན་གྱི་དུས་སུ་ལོ་འབྲས་སྨིན་པས་ཞིང་པ་རྣམས་ཀྱིས་མགོ་བོ་ལྕོག་ལྕོག་བྱེད་པ།
8 གཤམ་གསལ་གཏམ་དཔེའི་བསྟན་དོན་བཤད་པ་ཡང་མི་དག་པའི་སྡེ་ནི( )ཡིན།
A མདའ་གཅིག་གིས་ཤ་ཕོ་ཉིས་གསོད་རེད་ཅེས་པ་ནི། གཅིག་གོ་ཉིས་ཆོད་བྱུང་བའམ་གོ་ཆོད་བྱུང་བ།
B སྦྲ་རྒན་དུ་བ་ཅན། སླ་ང་དྲེག་པ་ཅན་ཞེས་པ་ནི། ཁྱིམ་རྒྱུད་ཀྱི་ལོ་རྒྱུས་རིང་བ།
C གཡག་ཞར་བས་རྩྭ་བཟའ་བ་ཞེས་པ་ནི། དོན་གང་ཞིག་གི་ངོས་སམ་ཕྱོགས་ཡོངས་མཐོང་བའི་དོན།
Dར་སྤུའི་འུར་རྡོ་ར་ཡི་མཇིང་པར་འཁོར་ཞེས་པ་ནི།ར་སྤུ་ལས་བཟོས་པའི་འུར་རྡོས་འཕངས་པའི་རྡོ་དེ་མཐར་
རང་ཉིད་འདུལ་བྱེད་དུ་གྱུར་རོ།།
9 གཤམ་གྱི་ཚིག་དག་ལས་བོད་ཀྱི་སྐད་ལུགས་དང་མི་མཐུན་པའི་ཚན་པ་ནི( )ཡིན།
Aགནམ་སྔོན་པོ། སྤྲིན་དཀར་པོ། མེ་དམར་པོ། B སྒྲ་སྙན་པོ། དྲི་རྩུབ་པོ། རོ་འཇམ་པོ།
C.གཡག་རོག་པོ། རྟ་ཝ་ལ། ཁྱི་ཐུ་བོ། D རི་རྒྱལ་ལྷུན་པོ། མཐའ་ཡས་རྒྱ་མཚོ།
10 བཀའི་ཕོ་ཉ་ལ་འཕྲིན་བྱང་རིངས་པ་དང་མི་རིངས་པ་གཉིས་སུ་དབྱེ་ཡོད་པས། རིངས་མི་རིངས་ནི( )ཡིན།
Aའཕྲིན་སྐྱེལ་འབབ་ཚིགས་སམ་སླུངས་ཚང་གི་བར་ཐག་རིང་ཐུང་གི་དོན།
Bཆབ་སྲིད་དང་དམག་དོན། དཔལ་འབྱོར་གྱི་ནང་དོན་ཡིན་མིན།
Cམྱུར་དང་མི་མྱུར་རམ་དལ་བྲེལ་གྱི་དོན།
Dསྐད་འཁྱེར་བའི་ཕོ་ཉ་དང་ཡི་གེ་འཁྱེར་བའི་ཕོ་ཉའི་ཁྱད་པར།
(གཤམ་གྱི་དུམ་བུ་བཀླག་ནས་དྲི་བ་11--15བར་བསྒྲུབ་དགོས)
《བྱ་སྤྲེལ་གཏམ་རྒྱུད》ལས། ངེད་བྱ་སྤྲེལ་ཚོགས་ཀྱི་གྱོད་གཞི་འདི།།ཁྱེད་གཉིས་ཀྱིས་སྡུམ་པ་མཛད་ཟེར་ན། །མི་འགྲིག་པ་གང་ཡང་ཡོང་དོན་མེད། ། ཤིང་གས་པ་སྤྱིན་གྱིས་སྦྱར་ལེ་ཡིན། །གོས་རལ་པ་སྐུད་པས་འཚེམ་ལེ་ཡིན། ། ངེད་བྱ་ལ་སྐྲག་ལེ་མ་ཡིནཏེ། ། ཁྱོད་བློ་ལྡན་གཉིས་ལ་བསམ་པ་ཡིན། །མི་ལ་མ་རེ་གོས་ལ་རེ། །ཁྱི་ལ་མ་རེ་ལྕགས་ལ་རེ། ། དེ་ཟེར་བ་སྔོན་གྱི་དཔེ་ལ་ཡོད། ། ད་ཁྱེད་གཉིས་གཏམ་འགྲིག་མཛད་ཟེར་ན། །དྲང་པོ་ཚངས་པའི་ཐིག་ཤིང་མཛོད། །ཐག་གཅོད་སྒོར་མོ་རྔ་འདྲ་མཛོད། །གྲུ་བཞི་ཤོ་འདྲའི་གྲོས་ཤིག་མཛོད། ། དེ་བྱུང་ན་མ་འགྲིག་ཡོང་དོན་མེད། ། ཅེས་ཟེར་རོ། །
11.བརྗོད་དུམ་འདིའི་ནང“ཁྱེད་གཉིས་”ཞེས་པ་བྱ་སྤྲེལ་གཉིས་ཀྱི་རྩོད་པ་སྡུམ་འགྲིག་བྱེད་མཁན་གྱི་སྲོག་ཆགས་གཉིས་བསྟན་ཡོད་པ་ནི( )ཡིན།
A.ཁྱིམ་བྱ་དེ་ཕོ་དང་རི་བོང་བློ་ལྡན། B.ཕོ་རོག་དང་ཁྭ་ཏ།
C.བྱ་རྒྱལ་རྒོད་པོ་དང་གོ་བོ་ཀླད་དཀར། D.སྤྲེལ་རྒན་བློ་བཟང་དང་ལྷ་བྱ་གོང་མོ།
12.དུམ་བུ་འདིར་མི་ལ་མ་རེ་གོས་ལ་རེ།། ཁྱི་ལ་མ་རེ་ལྕགས་ལ་རེ། ། ཞེས་པའི་བྱ་སྤྲེལ་གཉིས་ཀྱི་རྩོད་གཞི་སྡུམ་འགྲིག་སྐབས་སྤྲེའུས་དྲངས་པའི་གཏམ་དཔེའི་དོན་་ནི( )ཡིན།
A.སྡུམ་འགྲིག་པ་གཉིས་པོའི་ངོ་ལ་བལྟས་པ་ལས་ཕ་རོལ་གྱི་བྱ་ཚོགས་ཀྱི་ངོ་ལ་བལྟས་མེད་པའི་དོན།
B.མཐའ་ཕུགས་ཡུལ་ཁམས་ཐམས་ཅད་ཀྱི་ཁེ་ཕན་ལ་བསམས་པ་ལས་སྡུམ་སྒྲིག་པ་གཉིས་པོའི་ངོ་ལ་བལྟས་མེད་པའི་དོན།
C.སྡུམ་འགྲིག་བྱུང་ན་བསམ་པ་ལས་སུ་ཞིག་གི་ངོ་ལ་ཡང་བལྟས་མེད་པའི་དོན།
D. ལུས་བདེ་སེམས་སྐྱིད་དང་ཞི་འཇམ་འཆམ་མཐུན་དུ་གནས་དགོས་པའི་དོན་བསྟན་པའི་གཏམ་དཔེ།
13.དུམ་བུ་འདིར་བྱ་སྤྲེལ་གཉིས་པོའི་རྩོད་གཞི་འདི་མིའི་བསམ་སྤྱོད་དང་སྦྱར་ནས་གཏམ་རྒྱུད་ཀྱི་བྱུང་རིམ་སྤེལ་ཡོད
་པས་རྩོམ་འདི་རིགས་ལ( )ཟེར།
A.རབ་རྟོག་སྒྲུང་གཏམ། B.ལྷུག་རྩོམ། C.ཟློས་གར། D.བསྡུས་བརྗོད་ལྷུག་རྩོམ།
14.བརྗོད་དུམ་འདིའི་ནང་དྲང་པོ་དྲང་བཞག་གི་དཔེ་ལ( )ཟེར།
A.སྒོར་མོའི་རྔ། B.གྲུ་བཞིའི་ཤོ། C.ཚངས་པའི་ཐིག་ཤིང་། D.མི་དང་གོས། ཁྱི་དང་ལྕགས།
15.ཤིང་གས་སྤྱིན་གྱིས་སྦྱར་ལེ་ཡིན། ། གོས་རལ་བ་སྐུད་པས་འཚེམ་ལེ་ཡིན། ། ཞེས་པའི་དཔེས( )མཚོན་པ་ཡིན།
A.བྱ་རྣམས་རྒྱལ་རེའི་བསམ་འདུན། B .སྤྲེའུ་རྣམས་རྒྱལ་རེའི་བསམ་འདུན།
C སྡུམ་འགྲིག་ཡོང་རེའི་བསམ་འདུན། D.མེ་ཚ་བའི་སྒང་ལ་ཤིང་གི་རེ་བ།
1
1
16. ཀྱེ། འདི་ནི་རང་བཞིན་གྱི་རྦབ་ཆུ་དཀྱུས་མ་ཞིག་མ་ཡིན་ཏེ། ཞེས་པའི་དཀྱུས་མ་མ་ཡིན་པའི་རྒྱུ་མཚན་ནི།( )
A རྦབ་ཆུའི་མཚོན་བྱ་ནི་བོད་མི་རིགས་ཡིན་པས་སོ།
B རྦབ་ཆུའི་མཚོན་བྱ་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཡིན་པས་སོ།
C 《ལང་ཚོའི་རྦབ་ཆུ》ནི་རྩོམ་པ་པོ་དོན་འགྲུབ་རྒྱལ་གྱིས་བརྩམས་པའི་རང་མོས་སྙན་ངག་གཅིག་ཡིན་པས་སོ།
D དེ་མཐོ་སྒང་དུ་གནས་པའི་མི་རིགས་ཤིག་གི་དཀའ་སྤྱད་ཀྱི་སྙིང་རུས་དང་ཞུམ་མེད་ཀྱི་སྤོབས་པ་ལ་བསྟོད་པ་བྱས་ཡོད།
17. གཤམ་གྱི་སྙན་ངག་གི་དཔེར་བརྗོད་ལས་ངོ་མཚར་ཕུལ་བྱུང་ཡིན་པ་ནི( )
A. ནོར་བུ་རང་ལ་ཡོད་དུས། ། ནོར་བུའི་ནོར་ཉམས་མ་ཆོད། ། ནོར་བུ་གཞན་ལ་ཤོར་དུས། ། སྙིང་རླུང་སྟོད་ལ་འཚང་བྱུང་། །
B.འདི་ནི་བདག་གི་རིང་བ་དག ། འགོག་བྱེད་རྣ་བའི་རྒྱན་ཞེས་ཏེ། ། ཁྱོད་ཀྱི་མིག་གིས་རྣ་བ་ཡི། ། ཨུཏྤལ་ལ་ནི་འགོང་བ་འདྲ། །
C.ཁྱོད་ཀྱི་གྲགས་པའི་ཕུང་བོ་ནི། ། དཔག་ནུས་མིན་ཡང་འདིར་ཤོང་བ། ། ས་སྐྱོང་སྲིད་པ་གསུམ་གྱི་ནི། ། ཁོངས་དག་ཨེ་མ་ཤིན་ཏུ་ཡངས། །
D.དགའ་ཚལ་ལྗོན་པ་འདི་རྣམས་ཀྱི། ། འདབ་མ་གསར་བ་གོས་བཟང་དང་། ། མེ་ཏོག་དོ་ཤལ་ལ་སོགས་ཅན། ། ཡལ་འདབ་ཁང་བར་གྱུར་པ་མཚར། །
18 མྱི་གཞིག་ཅེས་པ་ནི་( )དོན་ཡིན།
Aམི་ཤེས་པའི་ Bམ་བཤིག་པའི་ Cམི་གཅིག་པའི་ D མི་འདུག་པའི་
19 གཤམ་གྱི་མིང་དང་ཚིག་ཁག་གསུམ་ལས་དག་ནོར་ཅན་གྱི་སྡེ་ནི( )ཡིན།
A སྒོར་མོ་རྔ་འདྲ། གྲུ་བཞི་ཤོ་འདྲ། B སྣ་བའི་བུ་རམ། མཚངས་པའི་ཐིག་ཤིང་།
C ངན་པ་གཉའ་རེངས། ཕྱར་བ་གྲུ་འདེགས། D གནམ་ལ་བྱ་རྒྱ། ས་ལ་བྱི་རྒྱ།
20 ཉིན་ཞིག་ར་ལོ་དགོན་པ་ཞིག་གི་ནང་ལ་སླེབས་ཤིང་། དགོན་པ་དེ་སླར་གསོ་བྱེད་བཞིན་པའི་སྒང་ཡིན་ལ་གྲྭ་
པ་མང་པོ་ཞིག་ཀྱང་སྡུད་ལེན་བྱེད་བཞིན་ཡོད་པར་འཁེལ།“སྤྱིར་ན་འཇིག་རྟེན་འཁོར་བར་སྙིང་པོ་མེད།ལྷག་པར་དུ་གསོན
་སྙིང་ལེན་རྒྱུ་པོ་དེས་རལ་པ་གཡག་རིན་རི་བ་དེ་བཅད་སོང་བས།རང་ཉིད་མི་གྲལ་དུ་འགྲོ་སྲོལ་མེད། ད་ལྟ་གྲྭ་པ་ཞིག་བྱས་ནས་
ཨ་མའི་རྗེས་ལ་ཆོས་རེ་བཏོན་ནའང་མི་བཟང་རྒྱུ་མེད” ཅེས་པ་ནི ( )བཀོད་འབྲི་བྱས་པ་ཡིན།
A མི་སྣའི་སྐད་ཆ་བཀོད་འབྲི། B མི་སྣའི་ཕྱིའི་རྣམ་པ་བཀོད་འབྲི། Cམི་སྣའི་བྱ་བྱེད་བཀོད་འབྲི།
D མི་སྣའི་སེམས་ཁམས་བཀོད་འབྲི།
21 བོད་ཀྱི་ཡུལ་སྐད་ཆེན་མོ་གསུམ་ནི( )ཡིན།
A ཡུལ་སྐད། ཡིག་སྐད། ཕལ་སྐད། B དབུས་གཙང་སྐད། ཁམས་སྐད། ཨ་མདོའི་སྐད།
C བོད་སྐད། དབྱིན་སྐད། རྒྱ་སྐད། D བོད་སྐད། ཡུལ་སྐད། ཡིག་སྐད།
22 མཛེས་པ་ཡི་བཀྲག་མདངས་ཡལ་ཏེ། མག་མོག་གི་དུད་སྤྲིན་དུ་གྱུར་སོང་། མཐོང་བ་ནི་རྟ་ལྗང་གི་འཁོར་ལོ་སྟེ ( )དུ་དཀར་སེང་རི་ཁྲོད་དུ་བཞུད་པ་ཉིད།
A བྲེལ་བྲེལ། B མྱུར་མྱུར། C འུར་འུར། Dཀྱུར་ཀྱུར།
23 གཤམ་གསལ་གཏམ་རྒྱུད་ལས་བྱུང་བའི་དཔེ་ཆོས་ནི( )
A བྱ་གཤོག་བྱི་སོ། ཁྲོན་པའི་རུས་སྦལ། Bརྐང་རྗེས་ལག་བསུབས། སྐྱ་ཟད་སྔོ་རྡུགས།
C རྨོན་པ་དོར་བསྡེབས། རྒན་མོ་གསེར་འཁུར། Dརྐྱེན་ངན་རུ་འཛིང་། ཁ་ནང་ལྕེ་རྒྱུས།
24 འགྱུར་མེད་བརྟན་བརླིང་གི་གཤིས་སྤྱོད་ཀྱི་མཚོན་པའི་ལེགས་བཤད་ནི( )ཡིན།
A ལེགས་བཤད་བྱིས་པ་དག་ལས་ཀྱང།། མཁས་པ་རྣམས་ཀྱིས་ཡོངས་སུ་ལེན།།
དྲི་ཞིམ་བྱུང་ན་རི་དྭགས་ཀྱི།། ལྟེ་བ་ལས་ཀྱང་གླ་རྩི་ལེན། །
B དམ་པ་སྲོག་ལ་བབས་ན་ཡང་།། རང་བཞིན་བཟང་པོ་ག་ལ་དོར།།
ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་།། རང་བཞིན་བཟང་པོ་ག་ལ་འགྱུར། །
C ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། ། རེ་ཞིག་གྲུབ་ཀྱང་མཐའ་མར་བརླགས། །
གཟིགས་ལྤགས་བཀབ་པའི་བོང་བུ་ཡིས།། ལོ་ཏོག་ཟོས་མཐར་གཞན་གྱིས་བསད། །
D གཟུར་གནས་རིག་པར་ལྡན་པ་ཡིས། ། གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །
སྤངས་ལྗོངས་གཙང་མའི་དལ་འགྲོ་མས། ། ལྷུང་ལྷུང་ཟེར་ཞིང་མེ་ཏོག་འཐུ། །
1